15/04/2026
15 April 2025
𝐇𝐨𝐦𝐞-𝐁𝐚𝐬𝐞𝐝 𝐏𝐚𝐥𝐥𝐢𝐚𝐭𝐢𝐯𝐞 𝐂𝐚𝐫𝐞 𝐒𝐞𝐫𝐯𝐢𝐜𝐞𝐬 𝐚𝐭 𝐂𝐑𝐑𝐇, 𝐆𝐞𝐥𝐞𝐩𝐡𝐮
Home-Based Palliative Care services at CRRH, Gelephu were initiated in December 2024 to improve the quality of life for patients with chronic, debilitating illnesses requiring end-of-life care.
Through a holistic approach, a multidisciplinary team—Medical Officer, Nurse, Health Assistant, Physiotherapist, Pharmacist, and Drungtsho—supports patients and their families by addressing medical, psychological, spiritual, and practical needs, while empowering families with basic caregiving skills.
Services include medication refills, physiotherapy, nursing care (wound dressing, NG tube insertion, urinary catheterisation, tracheostomy care, and blood sample collection), as well as traditional medicine (acupuncture), spiritual therapy, and bereavement support.
Home visits are conducted every Thursday, with flexibility based on patient needs.
A total of 80 patients in Sarpang are currently enrolled in the home-based palliative care services.
For queries contact 17805728 with Palliative Care Focal Person, CRRH.
***
རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་ རང་ཟླ་ ༠༢ པའི་ཚེས་༢༨
སྤྱི་ཚེས་༡༥/༠༤/༢༠༢༦
དབུས་ཕྱོགས་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ལས་ སྤྱི་ལོ་༢༠༢༤ སྤྱི་ཟླ་༡༢ པའི་ནང་ལས་ གསར་སྤང་དང་ དགེ་ལེགས་ཕུག་ལུ་ ན་ཟུག་མར་ཕབ་སྨན་བཅོས་ཚུ་ ནདཔ་རང་སོའི་ཁྱིམ་ནང་སྦེ་ སྨན་བཅོས་ཞབས་ཏོག་ཚུ་བྱིན་ནི་འགོ་བཙུགས་ཡོདཔ་ཨིན།
ན་ཟུག་མར་ཕབ་སྨན་བཅོས་ཀྱི་ཞབས་ཏོག་འདི་ཡང་ ཡུན་རིང་གི་ན་ཚ་ ནད་གཞི་ཀེན་གསར་ ལ་སོགས་ཡོད་མི་ནདཔ་ཚུ་ མི་ཚེ་གནས་སྟངས་ ཡར་དྲག་གཏང་ཐབས་ལུ་ དམིགས་ཏེ་བྱིན་མི་ གསོ་བའི་ཞབས་ཏོག་གི་ལས་སྣ་ཅིག་ཨིན།
འདི་གི་དོན་ལུ་ སྨན་ཁང་ནང་ལས་ སྨན་བཅོས་འགོ་དཔོན་དང་སྨན་གཡོགམོ་ གསོ་བའི་ལས་རོགསཔ་ དངོས་ཁམས་རིག་རྟེན་སྨན་བཅོས་མཁས་མཆོག་ སྨན་རིག་མཁས་མཆོག་ དེ་ལས་ དྲུང་འཚོ་བརྩི་ གསོ་བའི་ལས་བྱེདཔ་སྡེ་ཚན་ཅིག་གིས་སྦེ་ ནདཔ་ལུ་དགོས་མཁོའི་སྨན་བཅོས་དང་ ནདཔ་གི་བཟའ་ཚང་ཚུ་ལུ་ཡང་ བསླབ་སྟོན་དང་ ནདཔ་བདག་འཛིན་དང་ རྒྱབ་སྐྱོར་འབད་ཐངས་གི་ རིག་རྩལ་ཚུ་ཡང་སྟོན་བྱིན་དོ་ཡོདཔ་ཨིན།
ཞབས་ཏོག་འདི་ཡང་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་པ་སངས་ ཡང་ན་ ནདཔ་གི་དགོས་མཁོ་དང་བསྟུན་ བྱིན་དོ་ཡོདཔ་ཨིན།
ད་རེས་ གསར་སྤང་ལུ་ ནདཔ་ཡོངས་བསྡོམས་ ༨༠ དེ་ཅིག་ལུ་ཞབས་ཏོག་འདི་བྱིན་དོ་ཡོདཔ་ཨིན་པས།
ཞབས་ཏོག་འདི་གི་སྐོར་ལས་ འདྲི་དཔྱད་གི་དོན་ལུ་ འགྲུལ་འཕྲིན་ཨང་ ༡༧༨༠༥༧༢༨ (སྨན་བཅོས་ལྟ་སྐྱོང་གཙོ་བོ) དང་ཅིག་ཁར་ འབྲེལ་བ་འཐབ་གནང།