09/11/2024
སྤྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༩ སྟེ་ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་མཆོག་གི་སྐུའི་བླ་གཟའི་དུས་ཚིགས་ཤིན་ཏུ་ཁྱད་པར་ཅན་འདིར། ༧གོང་ས་རྒྱལ་དབང་ཐུགས་རྗེ་ཆེན་པོས་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་མཆོག་ལ་འཇམ་མགོན་རྒྱལ་བ་གཉིས་པའི་གདུང་འཚོབ་དགའ་ལྡན་ཁྲི་ཐོག་ ༡༠༥ ཕྱག་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་བྷེང་ལོར་དུ་རྟེན་གཞི་བྱས་པའི་སྨན་རྩིས་མཐོ་སློབ་ཁང་དུ་ཚོགས་གནང་ཡོད།
མཛད་སྒོར་མཉམ་བཞུགས་གནང་མཁན། དགའ་ལྡན་ཁྲི་ཐོག་ཁང་དང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་མཆོག་དང་།
དགའ་ལྡན་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་ལགས།
འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་འཇམ་དབང་ཕྱུག་ལགས།
སྨན་རྩིས་ཁང་མཐོ་སློབ་གི་སློབ་སྤྱི་སྨན་རམས་པ་རྡོ་རྗེ་རབ་བརྟན་ལགས།
ཏཱ་ལའི་བླ་མ་མཐོ་སློབ་ཀྱི་འགན་འཛིན་བསྟན་འཛིན་པ་སངས་ལགས།
ཚུལ་ཁང་ཁང་ཚན་དང་གྲགས་པ་ཁང་ཚན་གཉིས་ཀྱི་ཁང་ཚན་རྒན་རྣམ་པ་གཉིས།
སྨན་རྩིས་ཁང་གི་ལས་དྲུང་སྨན་རམས་པ་བསྟན་འཛིན་ཡེ་ཤེས་ལགས།
ཏཱ་ལའི་བླ་མ་མཐོ་སློབ་ཀྱི་འཛིན་སྐྱོང་འགན་འཛིན་ཆོས་རྒྱལ་བཀྲ་ཤིས་ལགས།
གངས་བླ་འབྲེལ་ཡོད་མཐུན་ཚོགས་ཀྱི་རྒྱུན་ལས་དགེ་བཤེས་ཡེ་ཤེས་ཕུན་ཚོགས་བཅས་སྣེ་ཡོད་ཁག་དང་གཞན་ཡང་དགེ་བཤེས་རྣམ་པ་དང་མཐོ་སློབ་ཀྱི་སློབ་ཕྲུག་ཚོ་མཉམ་བཞུགས་གནང་ཡོད།
On November 9, 2024, an auspicious day according to astrological calculations and particularly significant as it marks the soul day of the incomparable Sharpa Choje Rinpoche, His Holiness the Dalai Lama presented Sharpa Choje Rinpoche with the seal of appointment as the 105th Gaden Tri Rinpoche (successor to Je Tsongkhapa) in a ceremony held at the Men-Tsee-Khang (Tibetan Medical and Astrological Institute) in Bangalore.
The ceremony was attended by:
- Geshe Lobsang Gyaltsen, former abbot of Gomang Monastery and advisor to the Gaden Tri Office and International Gelug Foundation
- Geshe Tenzin Namgyal Head Administration of Gaden Lachi
-Geshe Jamyang Phuntsok, treasurer of Drepung Loseling Monastery
- Dr. Dorje Rabten, Principal of Men-Tsee-Khang College
- Dr. Tenzin Pasang, Director of Dalai Lama Institute
- The senior house teachers of both Tsulkhang and Drakpa houses
- Dr. Tenzin Yeshi, Secretary of Men-Tsee-Khang
- Chogyal Tashi, Administrative Director of Dalai Lama Institute
- Geshe Yeshi Phuntsok, Executive Member of Gangla Association
The ceremony was also attended by various other Geshes (Buddhist scholars) and students of the institute.
2024年11月9日,根据占星术计算这是一个吉祥的日子,也是无与伦比的夏巴确杰仁波切的灵魂日。在这个特殊的日子里,达赖喇嘛尊者在班加罗尔的藏医学天文学院(门才康)为夏巴确杰仁波切举行了第105任甘丹赤巴(宗喀巴大师继承人)印信授予仪式。
出席仪式的人员包括:
- 格西洛桑坚赞,贡芒寺前任住持,甘丹赤巴办公室和国际格鲁基金会顾问
- 格西嘉扬珠,甘丹总部财政和哲蚌洛色林寺财政
- 多杰饶丹医师,藏医学院院长
- 丹增帕桑,达赖喇嘛学院院长
- 楚康和扎巴两个堂级的资深堂主
- 丹增益西,藏医学院秘书
- 曲嘉扎西,达赖喇嘛学院行政主任
- 格西益西彭措,岗拉协会执行委员
其他多位格西(佛教学者)和学院学生也参加了仪式。