Tulku Pema Tsechok Dorjee

Tulku Pema Tsechok Dorjee Contact information, map and directions, contact form, opening hours, services, ratings, photos, videos and announcements from Tulku Pema Tsechok Dorjee, Psychologist, Mysore.

འཇམ་མགོན་མི་ཕམ་རིན་པོ་ཆེའི་ཐུགས་དམ་གྱི་རྟེན། འཇམ་དབྱངས། ད་ལྟའི་ཆར་ཞེ་ཆེན་དགོན་དུ་བཞུགས།
23/04/2026

འཇམ་མགོན་མི་ཕམ་རིན་པོ་ཆེའི་ཐུགས་དམ་གྱི་རྟེན། འཇམ་དབྱངས། ད་ལྟའི་ཆར་ཞེ་ཆེན་དགོན་དུ་བཞུགས།

པན་ཆེན་བི་མ་མི་ཏྲ། (Vimalamitra) 🙏🍀🌸🙏
20/04/2026

པན་ཆེན་བི་མ་མི་ཏྲ། (Vimalamitra) 🙏🍀🌸🙏

སྨིན་གླིང་རྡོ་སེམས་འདི་འབུལ།✌️🌸🍀
19/04/2026

སྨིན་གླིང་རྡོ་སེམས་འདི་འབུལ།
✌️🌸🍀

18/04/2026

སྤྱི་སེམས་མེད་པར་སྒེར་གྱི་མི་ཚེ་དོན་སྙིང་ལྡན་པ་སྐྱེལ་དྲན་ན།

འཇིག་རྟེན་པའི་དོན་སྙིང་ལྡན་པའི་མི་ཚེ།
སྔོན་ལས་ཅི་བྱས་ནའང་བྱས་ཟིན་ཞིང་། དེ་ལ་དགའ་སྡུག་གི་ཚོར་བས་མཐའ་སྐྱོང་དགོས་དོན་མེད་ལ། མ་འོངས་པ་ཅི་འོང་སྙམ་པའི་དོགས་པའི་འཇིགས་པ་ལས་གྲོལ་ཏེ། ད་ལྟ་ཁོ་ནའི་གནས་སྐབས་འདི་རང་ཉིད་ཀྱི་སེམས་ཞི་བདེ་དང་བག་ཕེབས། ལྷིང་ལྗགས་སུ་གནས་ཡོད་ན། དེ་ཉིད་ཁོ་ན་མི་ཚེའི་སྙིང་པོ་ཡིན་པ་ཕྱིས་ནས་ཤེས་འོང་།

ཆོས་པ་ཞིག་གི་དོན་སྙིང་ལྡན་པའི་མི་ཚེ།
སྔོན་སྤྱད་དགེ་སྡིག་གི་འབྲས་བུ་ལ་འཚོལ་ཞིབ་མེད་ཅིང་། ཕྱིན་ཆད་ཀྱང་དགེ་སྡིག་གི་འབྲས་བུ་ལ་རེ་དོགས་མེད་ལ། ད་ལྟ་འཚོ་བཞིན་པའི་གནས་སྐབས་དེ་རང་དུ་རང་སེམས་དགེ་བ་ལ་གོམས་ཨེ་ཐུབ་འདྲ་ལྟ་ཞིང་། སྐྱིད་སྡུག་བཟང་ངན་ཅི་བྱུང་ཡང་། བླ་མ་དང་དཀོན་མཆོག་ལ་གསོལ་བ་འདེབས་ཐུབ་པ་ཞིག་བྱུང་ན་དོན་དང་ལྡན་པ་ཞེས་འབོད་དམ་སྙམ།
པདྨ་ཚེ་མཆོག་རྡོ་རྗེས།

If one hopes to lead a meaningful personal life without a sense of altruism:

A meaningful life for a person of the world: Whatever past actions were done are already finished; there is no reason to dwell on them with feelings of joy or sorrow. Furthermore, one is liberated from the fearful anxiety of wondering what the future may hold. If, in this very moment of the present, your mind remains in a state of peace, relaxation, and tranquility, you will eventually realize that this alone is the essence of life.

A meaningful life for a practitioner of the Dharma (dharma): Without scrutinizing the results of past virtues or non-virtues, and without hope or fear regarding the results of future virtues or non-virtues, one simply observes whether the mind can remain habituated to virtue in the present moment of living. I believe that if one can offer prayers to the Guru (guru) and the Triple Gem (ratnatraya) regardless of whether circumstances are happy or painful, good or bad, that is what is called a meaningful life.

-----PEMA TSECHOK DORJEE

ཚིག་བདུན་བླ་སྒྲུབ་འདོན་ན།
18/04/2026

ཚིག་བདུན་བླ་སྒྲུབ་འདོན་ན།

རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་ལ་ན་མོ།Prjanaparamita devi                          💐🌸🙏❤️🍀
13/04/2026

རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་ལ་ན་མོ།
Prjanaparamita devi

💐🌸🙏❤️🍀

ཅིར་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་ཀྱིས།།འཁོར་འདས་ཆོས་ལ་འདམ་ཁ་མེད་པར་གཟིགས།།ཞེན་མེད་རང་གྲོལ་ནམ་མཁའི་རྣལ་འབྱོར་བ།།འཆི་མེད་ར...
12/04/2026

ཅིར་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་ཀྱིས།།
འཁོར་འདས་ཆོས་ལ་འདམ་ཁ་མེད་པར་གཟིགས།།
ཞེན་མེད་རང་གྲོལ་ནམ་མཁའི་རྣལ་འབྱོར་བ།།
འཆི་མེད་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།

ལྷུན་འགྲུབ་དཔལ་འབྱོར་གྱི་སྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།

HAPPY BIRTHDAY TULKU  RINPOCHE 🙏💐🍀🌸🙏
10/04/2026

HAPPY BIRTHDAY TULKU RINPOCHE
🙏💐🍀🌸🙏

(FROM 2022---2026)གང་གི་ཞབས་རྡུལ་སྤྱི་བོའི་གཙུག་བཀུར་བས།།མཚམས་རེ་དུག་ལྔ་སྨད་པའི་སྐབས་ཀྱང་འོང་།།ངན་པ་གོམས་ཤིང་བག་མེད་དབང་...
07/04/2026

(FROM 2022---2026)

གང་གི་ཞབས་རྡུལ་སྤྱི་བོའི་གཙུག་བཀུར་བས།།
མཚམས་རེ་དུག་ལྔ་སྨད་པའི་སྐབས་ཀྱང་འོང་།།
ངན་པ་གོམས་ཤིང་བག་མེད་དབང་གྱུར་བས།།
རང་བློས་གང་དྲན་ཙམ་ཞིག་མི་འདུག་ཀྱང་།།
དྲན་པ་བརྟན་ཞིང་བློ་གྲོས་གསལ་བའི་སྐབས།།
སྐབས་རེ་སྒོ་གསུམ་དགེ་ལ་འཇུག་པར་ཤོག།

དེ་རིང་བོད་ཟླ་ ༢ ཚེས་ ༡༩ སྟེ། བླ་མ་ལྷུན་འགྲུབ་དཔལ་འབྱོར་སྐུ་ཞི་བར་གཤེགས་ནས། བགྲང་བྱ་ ༣༡ འཁོར་བའི་ཉིན་རེད་ཟེར།     བདག་ལ་...
06/04/2026

དེ་རིང་བོད་ཟླ་ ༢ ཚེས་ ༡༩ སྟེ། བླ་མ་ལྷུན་འགྲུབ་དཔལ་འབྱོར་སྐུ་ཞི་བར་གཤེགས་ནས། བགྲང་བྱ་ ༣༡ འཁོར་བའི་ཉིན་རེད་ཟེར།
བདག་ལ་སྔོན་གོམས་དང་། འདིར་སྦྱངས་ཀྱི་ཡོན་ཏན་མེད་ཅིང་། ཆོས་སྤྱད་ཀྱི་འབྲས་བུ་དུག་ལྔ་ཆུང་བའི་རང་རྟགས་དམིགས་བསལ་བ་གང་ཡང་མེད་ཀྱང་། དམ་པ་ཁོང་གི་མཚན་གནས་བེད་དུ་སྤྱད་དེ། སྤྲུལ་མིང་ཞིག་གིས་མཐོ་སྙོབ་དང་། དྲེགས་སྙེམས་ཀྱིས་བྱ་བཞག་མང་དག་ཅིག་སྤྱད་པ་དག་ལ་མཐོལ་བཤགས་དང་། ཡང་ཁོང་གི་མཚན་གནས་དེས་རང་ལ། གོ་སྐབས་དང་། དགེ་སྐུལ། གཞན་ཕན་གྱི་བློ་ཆུང་ངུ་རེ་སྐྱེས་ནའང་། བཀའ་དྲིན་ཆེ་བ་ཡིན་པས། དེ་རིང་རྗེས་དྲན་གྱི་བློ་སྣ་ཅུང་ཟད་གཅིག་དགེ་ལ་ཕྱོགས་པའང་ལེགས་ཕྱོགས་ཙམ་ལས། སྐྱོན་ཆ་མེད་སྙམ་ནས། རྣམ་དཀར་གྱི་ལས་ཅུང་ཟད་རེ་ལ་འབད། 🙏🌸🍀🙏

རིག་མཛོད་རྩོམ་སྒྲིག་ཁང་ནས་རྒྱལ་དབང་ཀློང་ཆེན་པའི་མཛོད་བདུན་པོ་འདི་པར་དུ་བསྐྲུན་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུའོ།།གང་ཟག་ཚད་མར་...
04/04/2026

རིག་མཛོད་རྩོམ་སྒྲིག་ཁང་ནས་རྒྱལ་དབང་ཀློང་ཆེན་པའི་མཛོད་བདུན་པོ་འདི་པར་དུ་བསྐྲུན་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུའོ།།

གང་ཟག་ཚད་མར་གྱུར་བ་ཐམས་ཅད་ཀྱིས།།
གསུངས་ན་ཚད་མར་མ་གྱུར་མེད་སྲིད་པས།།
མཐའ་ཡས་གདུལ་བྱའི་ཁམས་དབང་བསམ་པ་ལ།།
བསྟུན་པའི་ཆོས་ཀྱི་གོ་འཕར་མང་མཆིས་པ།།
ཀུན་ལ་དད་གུས་དང་བས་ཕྱག་དང་བཅས།།
ཁྱད་པར་འོད་གསལ་སྙིང་པོའི་བསྟན་པ་འདི།།
རྒྱ་ཆེ་བི་མ་མི་ཏྲའི་མན་ངག་ལྟར།།
སྔོན་འགྲོ་ཐེག་པ་དགུ་ཡི་གདམས་པ་དང་།།
དངོས་གཞི་སེམས་ལས་འདས་པའི་ཡེ་ཤེས་ལ།།
བཀྲི་བའི་ལམ་བཟང་ཤིང་རྟའི་ལམ་སྲོལ་མཆོག།
གསལ་བར་མཛད་ལ་རྒྱུ་སྐར་རྒྱལ་པོ་བཞིན།།
མཛོད་ཆེན་བདུན་འདི་སྙིང་པོའི་སྙིང་པོ་ཡིན།།

Lest pray for world peace 🙏🕊️ say no to war 🕊️🕊️🍀🍀
26/03/2026

Lest pray for world peace 🙏🕊️ say no to war 🕊️🕊️🍀🍀

Address

Mysore

Telephone

+9779765961573

Website

https://www.youtube.com/@jamtse3189

Services

Specialties

Alerts

Be the first to know and let us send you an email when Tulku Pema Tsechok Dorjee posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Practice

Send a message to Tulku Pema Tsechok Dorjee:

Share

Category